西藏林芝市第二高级中学2022-2023学年高三上学期第二次月考藏文试题

西藏林芝市第二高级中学2022-2023学年高三上学期第二次月考藏文试题

ID:83105789

大小:51.86 KB

页数:9页

时间:2023-06-14

上传者:老李
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第1页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第2页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第3页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第4页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第5页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第6页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第7页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第8页
西藏林芝市第二高级中学2022-2023学年高三上学期第二次月考藏文试题_第9页
资源描述:

《西藏林芝市第二高级中学2022-2023学年高三上学期第二次月考藏文试题》由会员上传分享,免费在线阅读,更多相关内容在教育资源-天天文库

༄༅།།༢༠༢༢---༢༠༢༣ལོའི་ལོ་རིམ་གསུམ་པའི་སློབ་དུས་དང་པོའི་བོད་སྐད་ཡིག་ཟླ་རྒྱུགས་གཉིས་པ།དང་པོ།འདེམ་འཇུག་དྲི་གཞི།(གཤམ་གསལ་དྲི་བ1-25བར་ལ་ལན་བཞི་རེ་ཡོད་པ་ལས་ཡང་དག་པའི་དྲིས་ལན་གཅིག་རང་ཡོད་པ་དེ་འདེམ་དགོས)(རེར་སྐར2བསྡོམས་སྐར50)1. བོད་ཀྱི་བརྡ་སྤྲོད་གཞུང་གི་ཕྱི་མོའམ་རྩ་བ་གཉིས་ནི( )ཡིན།Aསྒྲ་དང་ཚད་མ། Bབཟོ་དང་གསོ་བ། Cནང་རིག་དང་སྙན་ངག Dསུམ་ཅུ་པ་དང་རྟགས་འཇུག2.ལེགས་བཤད་འཕྲུལ་གྱི་དྲ་བ་ཞེས་པའི་མཚན་བྱང་དེར་སྙན་ངག་གི་རྒྱན( )སྤྱད་ཡོད།Aདཔེ་རྒྱན།Bབསྡུས་བརྗོད་རྒྱན། Cགཟུགས་རྒྱན། Dཟུང་ལྡན་རྒྱན།3.གཤམ་གསལ་ལས་དག་ནོར་མེད་པའི་ཚོ་པ་ནི( )Aཕྱི་ཕུག་བཙུན།སྐྱིད་འཁྱག་པ།རྣ་ཐུང་བ། Bཆུ་གདངས་ནོར་བུ།སྐྱེས་ཐོག་སྐྱེས་བརྩེགས།ཨང་སྡིར།Cཁ་གོ་སྐྱེ་འབྲས།སེལ་མཇུག་དཀྲུག་ཤིང་།སྙན་ཁྲ་ཞུ་ལོགDརས་སུ་མ་བོར།ཀོ་ལོང་མ་བསྡམ།ཕྱག་ཕྱི་ཞབས་ཏོག4.མོ་བཙུན་ངོ་ཚའི་གཡང་ལུགས་བུད་ཅེས་པའི་དཔེ་ཅན་དང་དཔེ་གོ་རིམ་བཞིན་ཡང་དག་པ་ནི་( )ཡིན།Aམོ་བཙུན།གཡང་ལུགས།  Bངོ་ཚ།གཡང་ལུགས།Cམོ་བཙུན།ངོ་ཚ།  Dམོ་བཙུན།ངོ་ཚའི་གཡང་ལུགས།5.“སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་།ཕུགས་སུ་བྱམས་པ་ཡིན།”ཞེས་པའི་རྟགས་བཀོད་པའི་ཕྲད་དེ་དག་རིམ་བཞིན( )སྟོན་པར་འཇུགAརྒྱན་པ།རྒྱུ་མཚན་སྟོན་པ། སྐུལ་ཚིགལས་སུ་བྱ་བ།B སྡུད་པ།སྨོན་ཚིགའབྱེད་པ།གནས་གཞི།Cརྒྱན་པ།བརྟག་པ་མཐའ་བཟུང་།རྒྱུ་མཚན་སྟོན་པ།དགོས་ཆེད།Dསྡུད་པ།རྒྱུ་མཚན་སྟོན་པ།སྐུལ་ཚིགཚེ་སྐབས།6.གཤམ་གྱི་ལྷ་མོའི་འཁྲབ་གཞུང་ཁག་ལས་ཕོ་མོ་འདྲ་མཉམ་མིན་པ་དང་།བཙན་སྦྱོར་གཉེན་སྒྲིག་གི་བརྗོད་དོན་མཚོན་པའི་འཁྲབ་གཞུང་ནི( )ཡིན།A《ཆོས་རྒྱལ་ནོར་བཟང》B《སྣང་ས་འོད་འབུམ》C《དྲི་མེད་ཀུན་ལྡན》 D《རྒྱ་བཟའ་བལ་བཟའ》学科网(北京)股份有限公司

1“ལྕམ་ཧྥུ་ལེ་སི་ཅེས་ལྡེབས་ལ་མེ་ལོང་སྦྱར་བའི་གོས་སྣོད་སྒམ་ཆེན་གྱི་ནང་ནས་གཡང་སྒམ་ཞིག་བཏོན་རྗེས་ཚུར་ཁྱེར་ཡོང་ནས་དེའི་ཁ་ཕྱེ།”ཞེས་པའི་ཚིག་དུམ་བཀླགས་ནས་དྲི་བ7-8བར་བསྒྲུབ་དགོས།7.གོང་གི་ཚིག་དུམ་དེའི་ནང་མི་སྣའི( )ཞིབ་འབྲི་བྱས་ཡོད།Aགཏམ་གླེང་། Bབྱ་བྱེད། Cསེམས་ཁམས། Dསྣང་བརྙན།8.ལྕམ་ཧྥུ་ལེ་སི་ཅེས་སྒམ་ཆུང་གི་ཁ་ཕྱེ་ཞེས་པའི་བྱ་བྱེད་ལས་གསུམ་དབྱེ་འབྱེད་ཡང་དག་པ་ནི་( )ཡིན།Aབྱ་བ།ཕྱེ།བྱེད་པ་པོ།ལྕམ་ཧྥུ་ལེ་སི་ཅེ།ལས།སྒམ་ཆུང་གི་ཁ། Bབྱ་བ།ཕྱེ།བྱེད་པ་པོ།ཤུགས་བསྟནལས།སྒམ་ཆུང་གི་ཁ།Cབྱ་བ།ཁ་ཕྱེ།བྱེད་པ་པོ།ལྕམ་ཧྥུ་ལེ་སི་ཅེ།ལས།ཁ།Dབྱ་བ།སྒམ་ཆུང་།བྱེད་པ་པོ།ལྕམ་ཧྥུ་ལེ་སི་ཅེ།ལས།ཁ་ཕྱེ།སྣང་སའི་ཞལ་རས་བཅོ་ལྔའི་ཟླ་བ་ལ།རྨ་བཟོས་ཁྲག་གི་སྤྲིན་པས་གཡོགས་ནས་འདུགམཛེས་པའི་སྐུ་ལུས་སྨྱུག་གསར་ལྡེམ་པ་དེ།རྩིབ་མ་ཡལ་ག་གསུམ་ཙམ་ཆག་ནས་འདུགཞེས་པ་ལྟ་ཀློག་བྱས་ནས་གཤམ་གྱི་དྲི་གཞི་བསྒྲུབ་དགོས།9.ཚིགས་བཅད་དེ་ཉམས་ལྡན་གྱི་རྒྱན་ལྟར་ན( )Aདཔའ་བའི་ཉམས། Bདྲག་ཤུལ་གྱི་ཉམས།  Cསྙིང་རྗེའི་ཉམས། Dའཇིགས་རུང་གི་ཉམས།10.གོང་གི་ཚིགས་བཅད་དེའི་དཔེ་ཅན་ངོས་བཟུང་བ་ཡང་དག་པ་ནི( )Aསྣང་ས།ཁྲགམཛེས་པ།ཡལ་གBཞལ་རས།ཁྲགསྐུ་ལུས།རྩིབ་མ།Cཞལ་རས།ཁྲགསྤྲིན་པ།ཡལ་གDཞལ་རས།ཁྲགསྨྱུུག་གསར།རྩིབ་མ།11.འཇུག་ལྡོག་རང་གིས་ཤེས་ན་ཡང་།རྒྱལ་ཁམས་བྱ་བ་གྲོས་ཀྱིས་བརྟགཐམས་ཅད་མཐུན་པར་གྲོས་བྱས་པའི།བྱ་བ་གང་བྱུང་འགྱོད་མེད་ཉིད།ཤོ་ལོ་ཀ་དེ་བཀླགས་རྗེས་དྲི་བ11-13བར་བསྒྲུབ་དགོས།ཅེས་པའི་ལེགས་བཤད་དེའི་བསྟན་དོན་ནི( )Aརྒྱལ་ཁམས་ཀྱི་བྱ་བར་ཇུས་གཏོགས་བྱ་དགོས་པ་བསྟན། Bབྱ་བ་ཐམས་ཅད་རང་གིས་ཐག་གཅད་དགོས་པ་བསྟན།Cབྱ་བ་གྲོས་ཀྱིས་ཐག་གཅོད་དགོས་པ་བསྟན།  Dགྲོས་བྱས་ན་འགྱོད་པ་ཆེ་བ་བསྟན།12.རྒྱལ་ཁམས་བྱ་བ་གྲོས་ཀྱིས་བརྟག་ཅེས་པའི་གྲོས་ནི་( )Aབྱེད་པ་པོ།  Bབྱ་བའི་ཡུལ། Cབྱེད་པ། Dབྱ་བ།13.རྟགས་བཀོད་པའི་ཕྲད་དེ( )སྟོན་པར་འཇུགAམཐུན་པའི་ཚིག་རྒྱན།  Bམི་མཐུན་པའི་ཚིག་རྒྱན། Cསྡུད་པ། Dའབྱེད་པ།学科网(北京)股份有限公司

214.གཤམ་གསལ་མངོན་བརྗོད་ཀྱི་མིང་ངོས་འཛིན་སྟངས་འཁྲུལ་བ་ནི( )Aསུམ་རྩེན--ལྷ་ཡུལ།           དྲི་བཞོན--རླུང་བུ།          སྤྲིན་བཅུད--ཆར་པ།Bཐོས་འཛིན--རྣ་བ།             ཚ་ཟེར་ཅན--ཉི་མ།         ག་བུར་དབང་པོ--ཟླ་བ།Cསྦྲང་རྩིའི་ཟས་ཅན--བུང་བ།  ནམ་མཁའི་རྔ--འབྲག་སྒྲ།  དཔྱིད་ཀྱི་ཕོ་ཉ--ཁུ་བྱུགDནམ་མཁའ་ལྡིང--སྤྲིན་པ།   བྱ་མ་རྟ--གནམ་གྲུལག་ལྡན--ངང་པ།15.གཤམ་གསལ་ལས་མདོ་མཁར་ཞབས་དྲུང་ཚེ་རིང་དམང་རྒྱལ་གྱི་བརྩམས་ཆོས་ཡིན་པའི་སྡེ་ནི( )A《མི་དབང་རྟོགས་བརྗོད》 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》《བྱ་སྤྲེལ་གཏམ་རྒྱུད》B《མི་དབང་རྟོགས་བརྗོད》《བཀའ་བློན་རྟོགས་བརྗོད》《རྟོགས་བརྗོད་མདུན་ལེགས་མ》C《མི་དབང་རྟོགས་བརྗོད》《བཀའ་བློན་རྟོགས་བརྗོད》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》D《མི་དབང་རྟོགས་བརྗོད》《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》16.འཛམ་གླིང་གྲགས་ཅན་གྱི་སྒྲུང་ཐུང་མཁས་དབང་གསུམ་ནི( )ཡིན།Aམོ་པོ་སང་།ཀེ་ཏེ།ཆི་ཧོ་ཧྥུ།  Bམོ་པོ་སང་།ཆི་ཧོ་ཧྥུ།ཤག་སེ་ཕེའར། Cཤག་སེ་ཕེའར།ཆི་ཧོ་ཧྥུ།རུའུ་སེ།Dམོ་པོ་སང་།ཆི་ཧོ་ཧྥུ།ཨའུ་ཧེང་རུའི།17.རྩོམ་པ་པོ་དང་བརྩམས་ཆོས།རྩོམ་ཐབས་བཅས་ཡང་མ་དག་པ་ནི( )ཡིན།Aས་པན་ཀུན་དགའ་རྒྱལ་མཚན།《ལེགས་བཤད་འཕྲུལ་གྱི་དྲ་བ》ལེགས་བཤད།Bའཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།《ཤེས་རབ་སྡོང་བུ》ལེགས་བཤད།Cཚེ་རིང་དོན་གྲུབ།《ར་ལོ》སྒྲུང་གཏམDམོ་པོ་སང་།   《མགུལ་རྒྱན》སྒྲུང་གཏམ།18.《མི་དབང་རྟོགས་བརྗོད》ཅེས་པའི་སློབ་ཚན་དེའི་ནང་གཙོ་བོར་( )བསྟན་ཡོད།Aགུང་བློན་མ་རུངས་པ་གསུམ་གྱིས་བོད་ཀྱི་སྲིད་དབང་བཟུང་ཆེད་ང་ཕོད་པ་རྡོ་རྗེ་རྒྱལ་པོ་བཀྲོངས་པས།ཕོ་ལྷ་བས་མངའ་གཙང་དམག་དཔུང་ཁྲིད་དེ་དགྲ་ཤ་བླངས་པའི་སྐོར།  Bང་ལུམ་སྦྱར་གསུམ་གྱིས་བོད་ཀྱི་སྲིད་དབང་བཟུང་ཆེད་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་བཀྲོངས་པས།ཁང་ཆེན་པ་བསོད་ནམས་རྒྱལ་པོས་མངའ་གཙང་དམག་དཔུང་ཁྲིད་དེ་དགྲ་ཤ་བླངས་པའི་སྐོར།  Cགུང་བློན་མ་རུངས་པ་ང་ལུམ་སྦྱར་གསུམ་གྱིས་བོད་ཀྱི་སྲིད་དབང་བཟུང་ཆེད་དའི་ཆིང་བྰ་དུར་བསོད་ནམས་རྒྱལ་པོ་བཀྲོངས་པས།ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་མངའ་གཙང་དམག་དཔུང་ཁྲིད་དེ་དགྲ་ཤ་བླངས་པའི་སྐོར།   Dང་ལུམ་སྦྱར་གསུམ་གྱིས་དབུས་གཙང་གི་སྲིད་དབང་བཟུང་ཆེད་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་བཀྲོངས་པས།ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་མངའ་གཙང་དམག་དཔུང་ཁྲིད་དེ་དགྲ་ཤ་བླངས་པའི་སྐོར།19.གཤམ་གསལ་ལས་གོ་རིམ་བཞིན་སྒྲུང་གཏམ་དང་རྟོགས་བརྗོད་རྩོམ་ཡིག་གི་བླ་སྲོག་ཡིན་པ་ནི( )Aདྲང་བདེན།དངོས་དོན།  Bརྟོག་བཟོདྲང་བདེན།学科网(北京)股份有限公司

3Cབརྗོད་བྱའི་སྙིང་པོ།དངོས་དོན།Dམི་སྣ་གསར་བཞེངས།རྟོག་བཟོ།20.བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཐོག་མ( )གསར་གཏོད་གནང་ངོ་།Aརྗེ་བཙུན་མི་ལ་རས་པས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་།            Bབོད་ལྗོངས་ལྷ་མོ་ཚོགས་པས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་། Cགྲུབ་ཆེན་ཐང་སྟོང་རྒྱལ་པོས་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་།Dའཕྱོངས་རྒྱས་བུ་མོ་སྤུན་བདུན་གྱིས་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་།ཧ་ཧ།ང་ར་ལོ་ཚང་གི་མགོ་ཐོག་ནས་བྱ་མ་འཕུར།རྐང་ཞབས་ནས་ཆུ་མ་བཞུར།ང་ར་ལོ་ཚང་གི་ཕ་རྒྱལ་པོའི་འཁྲུངས་རབས།མ་རྒྱལ་མོའི་སྐྱེས་རབས་ཁྱོད་ཚོས་གོ་ཨེ་མྱོང་།ངས་དེ་རིང་སྡེ་པ་འདི་ཁྲག་དཀྲུག་དཀྲུག་ཅིག་མ་བྱས་ན།ང་མི་རྐྱང་ར་ལོ་ཟེར་བ་མིང་ཙམ་ཡིན།ང་ར་ལོ།ཁྱོད་ཚོ།ཞེས་ངར་ངར་གྱིས་བཤད་བཤད་པས།ར་ལོའི་སྣབས་ཁ་ནང་དུ་བཞུར་ཞིང་མུ་མཐུད་བཤད་མ་ཐུབ།ཅེས་པའི་དུམ་ཆུང་བཀླགས་ནས་གཤམ་གྱི་དྲི་བ21ནས8བར་བསྒྲུབ་དགོས།21.གོང་གི་དུམ་ཆུང་ནང་མི་སྣའི་( )ཞིབ་འབྲི་བྱས་ཡོད།Aམི་སྣའི་ཕྱིའི་རྣམ་པ།Bམི་སྣའི་བྱ་བྱེད།Cམི་སྣའི་སྐད་ཆ།Dམི་སྣའི་སེམས་ཁམས།22.བྱ་འཕུར།ཆུ་བཞུར།ཞེས་པའི་བྱ་ཚིག་འཕུར་དང་བཞུར་གཉིས་ནི( )Aའཕུར་ནི་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་བཞུར་ནི་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན།Bབཞུར་ནི་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་འཕུར་ནི་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན།Cབྱ་ཚིག་གཉིས་ཀ་བྱ་བྱེད་ཐ་དད་པ་ཡིན།Dབྱ་ཚིག་གཉིས་ཀ་བྱ་བྱེད་ཐ་མི་དད་པ་ཡིན།23.གཤམ་གསལ་ཞེ་ཚིག་རྣམས་ཕལ་སྐད་དུ་ཕོབ་པ་ཡང་མི་དག་པ་ནི( )Aསྐུ་གསུང་ཐུགས་གསུམ---ལུས་ངག་ཡིད་གསུམ།དབུ་ཕྱག་ཞབས---མགོལགརྐང་པ།Bསྤྱན།ཤངས།སྙན་ཞལ---མིགསྣ།རྣ་བ།ཞལ་རས།ལྗགས།ཚེམས།---ཁ་ངོ་།ལྕེ།སོ།Cཆབ།མགུར།---ཆུ།གླུ་གཞས།ཡབ་ཡུམ།སྲས།སྲས་མོ---ཕ་མ།བུ།བུ་མོ།Dབལྟམས།ཤགམནལ---འཁྲུངས།སྣ།ཉལ།མཇལ་བ།སྙུང་བ།གཟིགས---ཕྲད་པ།ལྟོགས།བལྟས།24.བཀའ་ཐང་སྡེ་ལྔ་ལྟར་ན་བོད་ཀྱི་སྤྱི་ཚོགས་སུ་ཕྱག་དང་ཞེ་ས་ནི( )གོང་ནས་བྱུང་ཡོད།Aསྲོང་བཙན་སྒམ་པོའི།Bགླང་དར་མའི།Cསྤུར་རྒྱལ་གཉའ་ཁྲི་བཙན་པོའི།Dདགའ་ལྡན་ཕོ་བྲང་གི25.གཡས་སུ་ཉལ་འདུགརབ་གསལ་དུ་དཔོན་པོ་བཞུགས།ཞེས་པའི་རྟགས་བཀོད་པའི་ཕྲད་གཉིས་པོ་ནི( )Aལས་སུ་བྱ་བ།   Bདེ་ཉིད།Cགནས་གཞི། Dདགོས་ཆེད།གཉིས་པ།སྟོང་ཆ་ཁ་སྐོང་།(སྟོང་ཆ་རེར་སྐར2བསྡོམས་སྐར12)学科网(北京)股份有限公司

426.ལེགས་བཤད་བསྟན་བཅོས་ཀྱི་བླ་སྲོག་ནི( )དང་( )གཉིས་ཡིན།27.རྣམ་ཐར་རྟོགས་བརྗོད་ཀྱི་རྩ་བའི་ཁྱད་ཆོས་གཉིས་ནི( )དང་( )ཡིན།28.བོད་ཀྱི་ལོ་རྒྱུས་ཐོག་གི་རྣམ་ཐར་རྟོགས་བརྗོད་ཐོག་མ་ནི( )ཡིན།29.གཏམ་དང་རལ་གྲི་གཉིས་པོ་དེ།( )གསུམ་པ།དྲི་བ་དྲི་ལན།(བསྡོམས་སྐར10)30.བསྟན་བཅོས་ཀྱི་གོ་དོན་འབྲི་དགོས།སྐར331.རྣམ་ཐར་ལ་དབྱེ་ན་ག་ཚོད་ཡོད།རེ་རེ་བཞིན་འབྲི་དགོས།སྐར332.ལེགས་བཤད་རྩོམ་ཡིག་ཡིན་ཚེ་ལུས་ཚིགས་བཅད་ཡིན་པས་ཁྱབ་བམ།རྒྱུ་མཚན་ཅི།སྐར4བཞི་པ།ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྐོར།བསྡོམས་སྐར22བློ་བརྟན་རྣམས་ཀྱིས་གང་བསྒྲུབས་ཀྱང་།།ཡུན་ནས་ཡུན་དུ་འབད་པ་ཡིས།།ཐིགས་པ་བསགས་པའི་རྒྱ་མཚོ་བཞིན།།ཐ་མ་གྲུབ་འབྲས་རྒྱ་ཆེར་ལྡན།།33.གོང་གི་ཤོ་ལོ་ཀ་དེ་ནི་སློབ་ཚན་གང་ལས་བདམས་ཤིང་།རྩོམ་པ་པོའི་མཚན་ལ་ཅི་ཞུ།སྐར434.བོད་ཀྱི་ལེགས་བཤད་གྲགས་ཆེ་བ་བཞི་རེ་རེ་བཞིན་བྲིས་དང་།སྐར435.གོང་གི་ཚིགས་བཅད་དེའི་བསྟན་དོན་མདོར་བསྡུས་ཤིག་བྲིས་དང་།སྐར436.རྟགས་བཀོད་པའི་ཕྲད་རྣམས་ཀྱི་འཇུག་ཚུལ་ངོས་བཟུང་བ་ཡང་དག་པ་ནི( )སྐར2Aབྱེད་པའི་བྱེད་སྒྲམི་མཐུན་པའི་ཚིག་རྒྱན།ཚེ་སྐབས།རྒྱུ་མཚན།    Bབྱེད་པ་པོའི་བྱེད་སྒྲ    མཐུན་པའི་ཚིག་རྒྱན།དེ་ཉིད།བྱེད་པའི་བྱེད་སྒྲ།Cབྱེད་པ་པོའི་བྱེད་སྒྲསྡུད་པ།ཚེ་སྐབས།རྒྱུ་མཚན།Dབྱེད་པའི་བྱེད་སྒྲསྡུད་པ།དེ་ཉིདརྒྱུ་མཚན།学科网(北京)股份有限公司

537.གོང་གི་ཤོ་ལོ་ཀ་དེར་སྙན་ངག་གི་རྒྱན་ལས( )སྤྱད་ཡོད།སྐར2Aཟླ་བོ་དངོས་པོའི་དཔེ། Bདཔེ་རྒྱན་གྱི་ནང་གསེས་ཆོས་དཔེ།Cདཔེ་རྒྱན་གྱི་ནང་གསེས་དངོས་དཔེ།Dརང་བཞིན་བརྗོད་པའི་རྒྱན།38.གོང་གི་ཤོ་ལོ་ཀ་དེའི་དཔེ་ཅན་དང་དཔེ་ངོས་འཛིན་ཡང་དག་པ་ནི( )སྐར2Aཚིག་རྐང་སྔ་མ་གཉིས་དཔེ་ཅན་དང་ཕྱི་མ་གཉིས་དཔེ།   Bཚིག་རྐང་སྔ་མ་གཉིས་དཔེ་དང་ཕྱི་མ་གཉིས་དཔེ་ཅན།Cཚིག་རྐང་སྔ་མ་གཉིས་དཔེ་ཅན་དང་ཚིག་རྐང་གསུམ་པ་དཔེ། Dཚིག་རྐང་སྔ་མ་གཉིས་དཔེ་དང་ཚིག་རྐང་གསུམ་པ་དཔེ་ཅན།39.མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡང་ཡིན་ལ་རབ་རྟོག་གསལ་བྱེད་ཀྱི་སྒྲ་ཡང་ཡིན་པ་ནི( )སྐར2Aསྙམ།ངེས།   Bབཞིན།འདྲ།Cརྟོགམིན་ནམ། Dའདྲ།མཚུངས།40.གཤམ་གསལ་ལས་རྟགས་མཚུངས་འདྲེན་པ་ཡིན་པ་ནི( )སྐར2Aབློ་བརྟན།   Bཐིགས་པ།Cརྒྱ་མཚོ། Dགྲུབ་འབྲས།ལྔ་པ།འཚོལ་དཔྱད་རང་བཞིན་གྱི་དྲི་གཞི།སྐར641.གཏམ་དཔེ་ལ། “ཡ་རབས་ཕྱག་དང་ཞེ་ས་མཁས།།མ་རབས་སྙིང་དང་གྲོད་པ་ཆེ”ཞེས་ཞེ་ས་ཤེས་མིན་དེ་མི་ཞིག་ལ་བྱང་ཚད་དང་གུས་ཞབས་ལྡན་མིན་གྱི་ཚད་གཞིར་འཇོག་པ་མ་ཟད།ཞེ་ཚིག་གམ་ཞེ་ས་ནི་བོད་སྐད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཀྱང་ཡིན།དེས་ན།ཁྱེད་ཀྱིས་ཞེ་ས་ཤེས་དང་མི་ཤེས།སྤྱོད་དང་མི་སྤྱོད་ཀྱི་ཐད་དགེ་སྐྱོན་གང་ཡོད་ཀྱི་ལྟ་ཚུལ་ཞིག་གླེང་དང་།ལྔ་པ།རྩོམ་ཡིག་འབྲི་རྒྱུ།སྐར50སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ཀྱང་ལྷག”ཅེས་གསུངས་པ་ལྟར་རང་བྱུང་ཁོར་ཡུག་ནི་ང་ཚོ་འགྲོ་བ་མི་ཙམ་མ་ཟད་སྲོག་ཆགས་དང་།སྐྱེས་དངོས་རྩི་ཤིང་ཡོད་དོ་ཅོག་གི་འཚོ་གནས་ཀྱི་ཁྱིམ་གཞིས་ལྟ་བུ་ཡིན་པས།ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་དེང་གི་ཆར་འགྲོ་བ་མིའི་རིགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཞིག་ཏུ་འགྱུར་ཡོད།གཤམ་ལ་སློབ་མ་རང་ངོས་ནས་གོང་གི་དཔྱད་གཞིའི་ནང་དོན་ལ་གཞིགས་ཏེ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྩོམ་ཡིག་ཅིག་འབྲི་དགོས།རྩོམ་འབྲིའི་རེ་བ།1.གོང་འཁོད་དཔྱད་གཞིར་གཞིགས་ནས་རྩོམ་བྱང་རང་ཉིད་ཀྱིས་གཏན་འཁེལ་བྱེད་དགོས།2.རྩོམ་ལུས་ངེས་པར་དུ་ཚིག་ལྷུག་གམ་བཅད་ལྷུག་སྤེལ་མ་ཡིན་དགོས།学科网(北京)股份有限公司

63.བརྗོད་བྱ་གོང་གི་དཔྱད་གཞིའི་ནང་དོན་ལས་བརྒལ་མི་ཆོག4..རྩོམ་ཡིག་ནང་མི་དང་།ས་ཆ།སློབ་གྲྭ་སོགས་ཀྱི་མིང་ཐོན་ཚེ་ངེས་པར་དུ་རྟགས××××འདིས་མཚོན་དགོས།5.ཡིག་འབྲུ600ཡན་ལོན་པ་དགོས།学科网(北京)股份有限公司

7学科网(北京)股份有限公司

8高三藏文月考二答案选择题25×2=501D2C3D4B5D6B7B8A9C10B11C12C13C14D15C16D17B18C19C20C21C22D23D24C25C阅读题5×2=1036C37B38C39B40B学科网(北京)股份有限公司

当前文档最多预览五页,下载文档查看全文

此文档下载收益归作者所有

当前文档最多预览五页,下载文档查看全文
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天文库负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。
最近更新
更多
大家都在看
近期热门
关闭